Commemoration offerings on mahaparinirvana of His Holiness Dodrupchen Rinpoche


དེ་ཡང་  ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། །བླ་མའི་མོས་པ་ཁྱད་པར་འཕགས། །ཞེས་པ་ལྟར་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པ་སྐལ་ལྡན་ལས་ཅན་དག་པའི་སྣང་ངོར་༸རིག་འདུས་མ་ཧཱ་གུ་རུ་མི་ཡི་རྣམ་པར་མངོན་སུམ་དུ་རོལ་པ་༸སྐྱབས་རྗེ་དམ་པ་༸རྡོ་གྲུབ་ཆེན་མཆོག་ཉིན་ཞག་གསུམ་རིང་ལ་དྭགས་ཀློང་ཆེན་སྙིང་ཐིག་ཨོ་རྒྱན་ཆོས་གླིང་དགོན་དུ་བཞུགས་པའི་གཟིམས་ཆུང་ནང་གཟིམས་ཁྲི་རིན་པོ་ཆེའི་སྐུ་མདུན་དུ་  རྗེ་བཙུན་བླ་མ་ཉིད་ཀྱི་དགུང་ཞག་  བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོའི་སྒོ་ནས་ཚོགས་བཞིན་པ་དེས་བདག་ཅག་བུ་སློབ་རྣམས་ཀྱང་ཚོགས་གཉིས་རྫོགས་ཅིང་སྒྲིབ་གཉིས་ལྷག་མེད་དུ་སྦྱང་དེ་དངོས་གྲུབ་རྣམ་གཉིས་བདེ་བླག་དུ་འཐོབ་པ་དང་   ༸དམ་པ་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་ཅིང་བདག་སོགས་འདུལ་བྱའི་ལྷག་མ་ཀུན་ཀྱང་རྣམ་མཁྱེན་རྒྱལ་བའི་ཞིང་སར་མྱུར་དུ་དགོད་པའི་དོན་དུ་ཡང་སྤྲུལ་རིན་པོ་ཆེ་མྱུར་དུ་བྱོན་པའི་སྨོན་ལམ་གྲངས་མེད་འདི་ཕྱོགས་བཅུའི་རྒྱལ་བས་མཐུན་འགྱུར་མཛད་པར་ཤོག་ཅིག།།


Leave a Reply

Your email address will not be published. Required fields are marked *